༡༽ མཛེས་མོ་རང་གི་མེ་ཏོག་དེ།།
ཚུར་བླངས་ནས་བཟང་པོ་ཡིད་འོང་མཚོ་ཁར་བཙུགས་ཡོད།།
བོད་ལོངས་བདེན་པའི་རང་བཙན།། རྩ་དོན་ལག་ལེན་དང་པོ།།
མདོ་ཁམས་ཆུ་བཞི་སྒང་དྲུག།། བསྟན་སྲུང་དང་བླངས་དམག་སྒར།།
བསྟན་པ་སྲུང་བའི་གཞི་རྩར།། རྒྱལ་བའི་གསེར་ཁི་བཞེངས་ཡོད།།
རང་བཙན་སྒྲུབ་པའི་དམིགས་ཡུལ།།དྲག་པོའི་དམག་སྒར་བཙུགས་ཡོད།།
མཛེས་མོ་རང་གི་མེ་ཏོག་དེ།།
ཚུར་བླངས་ནས་བཟང་པོ་ཡིད་འོང་མཚོ་ཁར་བཙུགས་ཡོད།།
དཔའ་བོའི་དཔུང་གི་དབུ་ཁིད་དེ།།
ཨ་འབྲུག་མགོན་པོ་བཀྲ་ཤིས།།
དཔའ་བོའི་དཔུང་གྲ་སིག་ནས།།
དགྲ་བོར་གདོང་ལེན་བྱས་ཡོད།།
དཔའ་ཆས་ལུས་ལ་སྤྲས་ནས།།
དཔའ་རྟགས་རྒྱལ་དར་བཙུགས་ཡོད།།
དཔའ་རྟགས་རྒྱལ་དར་གྲི་དེ།།
གྲི་གུ་ཐང་ལ་བཙུགས་ཡོད།།
མཛེས་མོ་རང་གི་མེ་ཏོག་དེ།།
ཚུར་བླངས་ནས་བཟང་པོ་ཡིད་འོང་མཚོ་ཁར་བཙུགས་ཡོད།།
མི་ཚེ་རིང་པོའི་དར་ཐག།།
བོད་ལོངས་ཡོངས་ལ་འཐེན་ཡོད།།
ཡོངས་རོགས་ཆོལ་གསུམ་སྤུན་ཟླ།།
ཐུགས་བཞག་ནན་ཏན་གནང་མཛོད།།
ཇི་སིད་འཚོ་བའི་བར་ལ།།
བརེད་ཐབས་གོད་ཐབས་གར་ཡོད།།
ཁེད་ནི་བཀྲ་ཤིས་མདའ་དར།།
བཀྲ་ལ་ཤིས་པར་ཤོག་ཅིག།།
ང་ནི་ཚེ་རིང་བུམ་པ།།
ཚེ་ལ་རིང་བ་ཤོག་ཅིག།།
མཛེས་མོ་རང་གི་མེ་ཏོག་དེ།།
ཚུར་བླངས་ནས་བཟང་པོ་ཡིད་འོང་མཚོ་ཁར་བཙུགས་ཡོད།།
ང་ཨ་འབྲུག་མགོན་པོ་བཀྲིས་རྒྱ་འོག་ཏུ་བསྡད་ནས་བདེ་བ་ཅན་དུ་སྐྱེས་པ་ལས། བོད་རྒྱལ་ཁབ་ཀྱི་དོན་དུ་མི་བསད་ཁྲག་སྦྱོར་བྱས་ནས་དམྱལ་ཁམས་ནང་ལྷུང་ན་དགའ།
རྐྱང་པ་འཕུལ་ལ་འ་མཐའ་དགོས། །གུག་ཀྱེད་བརྩེགས་འདོགས་ཅན་ལ་སྤང༌། །ལྷུག་པའི་དོན་མང་མིང་མཚམས་དང༌། །དོན་འབྲིང་འབྱེད་དང་དོན་ཉུང་རྫོགས། །ཚིགས་བཅད་ག་མཐར་ཆིག་ཤད་བྱ། །རྫོགས་ཚིག་མཐའ་ཅན་ལྷུག་པ་དང༌། །ཚིགས་བཅད་རྐང་མཐར་ཉིས་ཤད་འཐོབ། །དོན་ཚན་ཆེན་མོ་རྫོགས་པ་དང༌། །ལེའུའི་མཚམས་སུ་བཞི་ཤད་དགོས། །ང་ཡིག་མ་གཏོགས་ཡིག་ཤད་དབར། །ཚེག་མེད་དེ་སོགས་ཞིབ་ཏུ་འབད། །ཚིག་གི་ལོ་མས་མ་བསྒྲིབས་ཤིང༌། །དོན་གྱི་འབྲས་བུ་གཡུར་ཟ་བའི། །ལེགས་བཤད་ལྗོན་པའི་དབང་པོ་འདི། །དབྱངས་ཅན་གྲུབ་པའི་རྡོ་རྗེས་སྤེལ།། །།